81416

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨད་བྱུང་གི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་པ་སྟེ། དཔེ་དེ་ལ་དཔེ་ཅན་གྱི་ཡོན་ཏན་ནམ་ཁྱད་ཆོས་འགའ་ཞིག་མི་ལྡན་ཞིང་། གལ་ཏེ་ཡོོན་ཏན་དེ་དག་ཡོད་ན་ཁྱེད་ཀྱི་དཔེར་འོས་སོ་ཞེས་དཔེ་ཅན་དེའི་དཔེར་བརྟག་པ་མཐའ་བཟུང་གི་སྒོ་ནས་བཀོད་དེ། དཔེ་ཅན་དེ་དཔེ་ལས་ཁྱད་དུ་འཕགས་ཤིང་ངོ་མཚར་རྨད་དུ་བྱུང་བ་ལྟ་བུ་ཚིག་ཟིན་ལ་དངོས་སུ་བརྗོད་པ་ཞིག་ལ་ཟེར།
Example བོད་མཁས་པས། ཧ་རི་ཙནྡན་ལྗོན་པར་མཚམས་སྤྲིན་གྱིས། །འཁྱུད་ནས་དལ་བུའི་འགྲོས་ཀྱིས་རྒྱུ་བྱེད་ལ། ། བློ་གསལ་ཚོགས་ལ་ལེགས་བཤད་འདོམས་ཤེས་ན། །ཚངས་པར་སྤྱོད་ལྡན་ཁྱོད་དང་མཚུངས་པར་འགྱུར། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྨད་བྱུང་གི་དཔེ་

|; |@@@ | | }}