8145
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདུལ་བ་གཞིའི་སྡེ་ཚན། འདུལ་བ་ག་པར་བཞུགས། |
{{#arraymap:གནས་མལ་གྱི་གཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འདུལ་བ་གཞི་བཅུ་བདུན་ལས། བདེར་གནས་རྐྱེན་གྱི་གཞི་ལྔའི་ནང་གསེས། གནས་མལ་མཐའ་གཉིས་སུ་མ་ལྟུང་བས་བདེ་བར་གནས་པའི་གཞི་སྟེ་གཙུག་ལག་ཁང་བརྩིགས་ནས། སྒོ་ཁང་དུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་སོགས་བྲི་བར་བྱ་ཞིང༌། དྲི་གཙང་ཁང་དུ་བསྟན་པའི་གཙོ་བོ་དང༌། ལོགས་སུ་ཐུབ་པའི་སྐྱེས་རབས་སོགས་བྲི་བ་དང༌། གཞན་ཡང་མཛོད་དང་ཟས་ཁང་ལ་སོགས་པ་དང༌། གང་ཟག་སོ་སོའི་ཁང་པ་སྤྱོད་ལམ་བཞི་ཤོང་གི་ཚད་ཅན། མཆོད་རྟེན་དང་ལྕགས་རི། རྒྱལ་མཚན་ལ་སོགས་པ་གཞུང་མཐུན་དུ་བྱ་བའོ། དེ་དང་འབྲེལ་བར་མཆོག་ལ་རབ་ཏུ་བྱུག་བས་ཕྱག་བྱ་བ་དང༌། མཉམ་ན་རྒན་པ་དང༌། བུད་མེད་ཀྱིས་དགེ་སློང་ལ་ཕྱག་བྱེད་པ་སོགས་ཀྱི་བསླབ་བྱ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:གནས་མལ་གྱི་གཞི་
|; |@@@ | | }}