81466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨི་ལྟས་བདུན་ (1)
Part of speech མིང་ཚིག
Definition ཡ་མཚན་གྱི་རྨི་ལྟས་བདུན་དང་། ངོ་མཚར་བའི་རྨི་ལྟས་བདུན་ཡང་བརྗོད། སྟོན་པ་བཅོམ་ལྡན་འདས་མྱ་ངན་འདའ་ཁར་ལུང་བསྟན་པ་ལྟར་སྟོན་པ་འདས་ནས་ལོ་ཉེར་བརྒྱད་རྗེས་ཟ་ཧོར་ཡུལ་གྱི་རྒྱལ་པོ་ཛཿཨ་སུ་ར་གསང་བའི་བྲག་ཕུག་གི་བར་ཁང་དུ་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་ནས་བཞུགས་སྐབས། རི་བོ་མ་ལ་ཡའི་རྩེར་གསང་བདག་གི་རིགས་ཅན་ལྔ་ལ་གསང་བའི་རྒྱུད་གསུང་བའི་བྱིན་རླབས་ཀྱིས་ཆོ་འཕྲུལ་ཆེན་པོ་ཉའི་ནུབ་མོར་རྒྱལ་པོ་ལ་ཡ་མཚན་གྱི་རྨི་ལྟས་ཆེན་པོ་བདུན་རྨིས་པ་ནི། ཡེ་ཤེས་སྣང་བ་རྒྱན་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཀུན་གྱིས་དམ་པར་བསྔགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའི། །ཞེས་པ་ལྟར་བདུན་ནོ། །

{{#arraymap:རྨི་ལྟས་བདུན་

|; |@@@ | | }}