From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྨུགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
གཅན་གཟན་སོགས་ཀྱིས་སོ་བཏབ་པའི་དོན།
|
| Example
|
ཁྱིས་རྨུགས་པ། ཞི་མིས་རྨུགས་པ་ལྟ་བུ།
|
རྨུགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མངོན་པ། རྨུགས་པ་ཞེས་པ་ནི། གཏི་མུག་གི་ཆ་ཤས་སུ་གྱུར་པ་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྨུགས་པ་གང་ཞེན། གཏི་མུག་གི་ཆར་གཏོགས་པ་སེམས་ལས་སུ་མི་རུང་བ་ཉིད་དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདིའི་བྱེད་ལས་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པར་གསུངས་པ་ནི། རྨུགས་པ་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་འཕེལ་བར་འགྱུར་བས་སོ། །
|
| Domain
|
ཆོས་ལུགས།
|