81517
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྣང་གསལ་སྒྲོན་མེ་ལ་སོགས་པའི། །རྩིས་རྒྱུད་ལྔ་ཡི་ཡང་སྙིང་བཅུད། །ཕྱུང་བའི་མན་ངག་གསེར་གྱི་རྩིས། །སྨེ་བའི་སྒང་རྩིས་ཆེན་མོ་ནི། །ཕོ་བྲང་གླིང་དགུ་བརྒྱད་ཅུ་གཅིག། །སྨེ་བའི་སྐོར་འགོ་དགུ་ཡི་རྩིས། །སྨེ་འཁོར་ཆེན་པོ་ལྔ་ཡིན་ཏེ། །ཞེས་སྨེ་བའི་སྒང་རྩིས་འདི་ལ་ཕོ་བྲང་གླིང་དགུ་ཡོད། གླིང་རེ་རེ་ལ་སྨེ་གླིང་དགུ་རེ་ཡོད་པས་བསྡོམས་ན་དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡོད། སྨེ་འཁོར་ཆེན་པོ་ལྔ་ནི། ལྷོ་ཕྱོགས་ལུས་ཀྱི་སྨེ་བ། དབུས་མ་སྲོག་གི་སྨེ་བ། བྱང་ཕྱོགས་དབང་ཐང་སྨེ་བ། ཤར་ཕྱོགས་ཀླུང་རྟའི་སྨེ་བ། ནུབ་ཕྱོགས་མ་ཀླུང་སྨེ་བ་བཅས་རེད། འདི་ནི་བླ་མ་དང་མི་ཆེན་དཔོན་པོ་དག་ལ་རྩི་བྱེད་ཀྱི་རྩིས་ཤིག་ཡིན་དམངས་ཕལ་བ་ལ་རྩིས་ན་བསོད་ནམས་མི་ཁྱག་ཟེར་སྲོལ་ཡོད། |
Domain | རྩིས་རིག |
{{#arraymap:རྨེ་བའི་སྒང་རྩིས་
|; |@@@ | | }}