81524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨེ་ཤོད་པ་སངས་རྒྱས་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཀཿ་ཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་ལྔ་པ་སྟེ། སྡེ་དགེ་རྨེ་ཤོད་དུ་སྐུ་འཁྲུངས། ཀཿཐོག་ཏུ་ཕེབས་ནས་ཟུར་པ་ཡབ་སྲས་ཀྱི་བཤད་སྲོལ་སྔ་འགྱུར་མདོ་སྒྱུ་སྤྱི་དང་རྫོགས་ཆེན་སྡེ་གསུམ་གྱི་དབང་དང་འགྲེལ་བཤད་མན་ངག་ཉམས་ཁྲིད་བཅས་ཀྱི་འཆད་ཉན་དང་ཁྱད་པར་རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞི་དང་བླ་མ་ཡང་ཐིག་ཉམས་ལེན་གཙོ་བོར་མཛད། དེའི་ཁྲིད་ཡིག་གསར་དུ་མཛད་ནས་གདན་སར་ཁྲིད་རྒྱུན་མི་ནུབ་པར་སྤེལ། ཡང་ཁྲོད་ཚུལ་ཁྲིམས་མགོན་སོགས་བརྒྱུད་འཛིན་གྱི་སློབ་མ་མང་དུ་བྱུང༌།

{{#arraymap:རྨེ་ཤོད་པ་སངས་རྒྱས་རྡོ་རྗེ་

|; |@@@ | | }}