8156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་མལ་ལས་གྱུར་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་གི་དགེ་འདུན་རྣམས་ཀྱིས་གནས་མལ་མ་བསྡུས་པར་སོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་གྱི་གནས་མལ་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་གྱི་གནས་མལ་དེ་མ་བསྡུས་པར་བླ་གབ་མེད་པ་ལྟ་བུ་དེ་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་ཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ངོ་བོ་ནི། དགེ་འདུན་གྱི་ལོངས་སྤྱད་པའི་ཁྲི་དང་ཁྲིའུ་དང་། སྟན་ནང་ཚང་ཅན་དང་། སྔས་ལ་སོགས་པའི་གནས་མལ་དགེ་སློང་ལས་བྱེད་པ་པོས་བླ་གབ་མེད་པའི་གནས་སུ་བཞག་སྟེ། རླན་དང་ཉི་མ་ལ་སོགས་པས་ཆུད་ཟོས་པ་བྱས་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གནས་མལ་ལས་གྱུར་པའི་ལྟུང་བྱེད་

|; |@@@ | | }}