81570
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྨོག་རབས་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་ནི། རྨོག་སྟོན་འཇམ་དཔལ་སེངྒེས་འབྲི་རྒྱུད་དུ་རྨོག་རྩ་དགོན་བཏབ་པའི་གནས་དེར་ཀཿཐོག་ཏུ་དྲུང་པ་རྣམས་ཀྱིས་གདན་ས་སྐྱོང་བའི་དུས་སྐབས་དང་མཚུངས་པར་བྱོན་ཏེ། མདོ་སྒྱུ་དང༌། ཁྱད་པར་རྫོགས་པ་ཆེན་པོའི་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་བརྙེས་པས་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་ལྟ་སྤྱོད་མཚུངས་པའི་ལོ་རྒྱུས་ངོ་མཚར་ཅན་རེ་རེ་བཞིན་བཤད་སྲོལ་ཡོད་ནའང་ཡིག་ཐོག་འཁོད་པའི་དེབ་ཐེར་མི་འདུག་པས་འདིར་མ་བྲིས་ལ། དེ་རྣམས་ཀྱི་མཚན་ཙམ་སྨྲོས་སྨོས་ན། འབིར་མཚོན་ཨ་ཝ་དྷུ་ཏི། འདུན་པ་ཅན། ཕྱག་དགྱེས་པ། རེ་ཤམས་རྨོག་ནག་པ། རྨོག་སྨྱོན་སྟོན་པ། ཨོ་རྒྱན་བིར་ཝ་པ། དཀོན་མཆོག་མགོན། རྨོག་སྟོན་ཆོས་ཀྱི་གྲགས་པ། འཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་བསམ་འཕེལ་བཅས་བཅུ་གསུམ་པོ་འདི་རྣམས་ཀྱི་ཉམས་ལེན་གྱི་གཙོ་བོ་ཆོས་རྗེ་ཀཿཐོག་པའི་ལམ་སྲོལ་ཐབས་གྲོལ་གདམས་པའི་ཁྱད་ཆོས་ལ་བརྟེན་ཏེ་རྡོ་རྗེ་ཐེག་པའི་ལམ་རྟགས་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱི་སྤྱོད་པས་གདུལ་དཀའི་ལོག་རྟོག་ཅན་གྱི་འགྲོ་བ་མང་པོ་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་ཀཿཐོག་པའི་བསྟན་པའི་ཆེ་བ་མི་ཉམས་པར་བསྐྱངས་པར་གྲགས་སོ། ། |
{{#arraymap:རྨོག་རབས་བཅུ་གསུམ་
|; |@@@ | | }}