81571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨོག་རི་དགོན་བསམ་འཕེལ་གླིང་ (1)
Part of speech མིང་ཚིག
Definition རྨོག་རི་དགོན་བསམ་འཕེལ་གླིང༌། མདོ་སྨད་ཀླུ་ཆུ་རྨོག་རི་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། དུས་རབས་བཅུ་དགུ་པའི་སྟོད་དུ་ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་ལྟར་ལོ་རི་བླ་མ་བློ་བཟང་བསྟན་འཛིན་གྱིས་ཕྱག་བཏབ། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གི་སྐུ་དུས་ཀིརྟི་ནས་ཁྲི་པ་རིམ་གཏོང་མཛད་པ་ནས་བཟུང་ཀིརྟིའི་བླ་མ་ཨ་ལགས་རྨོག་རི་ཚང་སྐུ་ཕྲེང་གིས་གཙོ་བོར་སྐྱོང༌། གསང་བདེ་འཇིགས་གསུམ་གྱི་བདག་འཇུག་སོགས་རྒྱུད་སྟོད་གྲྭ་ཚང་གི་ཕྱག་བཞེས་ལྟར་སྒྲུབ། ཕྱི་ལོ་ ༡༩༥༠ གོང་དགེ་འདུན་ཞལ་གྲངས་ ༡༣༠ ལྷག་བཞུགས། མཚན་གཞན། རྨོག་རི་དགོན་དགའ་ལྡན་བྱམས་འཕེལ་གླིང༌།

{{#arraymap:རྨོག་རི་དགོན་བསམ་འཕེལ་གླིང་

|; |@@@ | | }}