81575
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྨོག་སྟོན་འཇམ་དཔལ་སེང་གེས་གདན་ས་ཐོག་མར་བཏབ། དེ་ནས་འབིར་མཚན་ཨ་ཝ་དྷུ་ཏི། འདུན་ཅན། ཕྱག་དགྱེས་པ། རེ་ཤམ་རྨོག་ནག་པ། རྨོག་སྨྱོན་སྟོན་པ། ཨོ་རྒྱན་བིར་ཝ་པ། དཀོན་མཆོག་མགོན། རྨོག་སྟོན་ཆོས་ཀྱི་གྲགས་པ། རྨོག་སྟོན་ཆོས་ཀྱི་བཟང་པོ། སྦྱིན་པ་རྒྱ་མཚོ། ཨོ་རྒྱན་ཀླུ་འཕེལ། ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་བསམ་འཕེལ་བཅས་གྲུབ་བརྙེས་རྨོག་རབས་བཅུ་གསུམ་པོ་འདི་རྣམས་ཀྱིས། གདན་ས་འདིར་མཉམ་མེད་ཐུབ་པའི་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པ་ནང་རྒྱུད་ཡོ་ག་སྡེ་གསུམ་བཀའ་གཏེར་བསྟན་པ་གཉིས་ལྡན་གྱི་རིང་ལུགས་དྲི་མ་མེད་པ་བཤད་སྒྲུབ་ལས་གསུམ་གྱིས་འཛིན་པར་མཛད་པས་ངེས་དོན་སྙིང་པོའི་བསྟན་པ་འབྱུང་བའི་ཆུ་འགོ་གཅིག་པུར་གྱུར། རྨོག་གྲུབ་ནམ་མཁའ་ཆོས་དབང་ནི། རྨོག་རྩ་ནང་ཤེ་པོ་ཚང་གི་གདུང་རྒྱུད་ལས་འཁྲུངས། སྐུ་ཆུང་དུས་ནས་འབྲུ་ཆུ་གྲིས་གཏུབ་པ་ལྟར་བྱས་ནས་ཀཿཐོག་ཏུ་ཕེབས་པ་སོགས་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དེ་རྗེས་རྨོག་རྩ་སྐུ་ཕྲེང་བཞི་པ་འཇིགས་བྲལ་ཕྱོགས་ཀྱི་གླང་པོའི་སྲས་སྤྲུལ་སྐུ་ཀུན་བཟང་། དེའི་སྲས་འཇམ་དབྱངས་ཉི་མ། དེའི་སྲས་བསོད་ནམས་རིག་འཛིན་གྱིས་ད་ལྟ་དགོན་པའི་གཙོ་འགན་བཞེས་བཞིན་པ་སྟེ། བླ་བྲང་། དུང་འཁོར་ལྷ་ཁང་བཅས་བཞེངས་བྱས། |
{{#arraymap:རྨོག་རྩ་དགོན་
|; |@@@ | | }}