8158
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ས་སྐྱ། གནས་མིན་བསྔོས་ཀྱང་འགྲུབ་མི་འགྱུར། །དྲི་མེད་བྱིན་གྱིས་ཞུས་པའི་མདོར། །ཆོས་རྣམས་ཆོས་ཉིད་བསྔོ་བ་ཡིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱི། །བསྔོ་བ་དེང་སང་ཅིས་མི་འགྲུབ། །ཅེས་གསུངས་འདི་ནི་གནས་མིན་གྱི། །བསྔོ་བ་ཉིད་ལ་དགོངས་པ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། །སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་ནི། གནས་མིན་གྱི་བསྔོ་བ་ནི། བུ་མོ་དྲི་མ་མེད་པས་བྱིན་པས་ཞུས་པའི་མདོར། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་སོ། །གལ་ཏེ་ནུས་པར་འགྱུར་ན། དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ་སྨོན་ལམ་གྱི་དབང་གིས་ཇི་ལྟར་མི་འགྲུབ་སྟེ། རྣམ་གྲངས་འདིས་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་པ་ཡིན་པར་རིག་པར་བགྱིའོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་མྱུར་དུ་སངས་རྒྱས་ཐོབ་པར་གྱུར་ཅིག འཁོར་བ་སྟོངས་པར་གྱུར་ཅིག མཚམས་མེད་པ་ལྔ་སྤྱོད་པའི་སྡིག་པ་ཅན་ངན་སོང་དུ་མི་སྐྱེ་བར་བདེ་འགྲོའི་ལུས་ཐོབ་པར་གྱུར་ཅིག དཀའ་བ་སྤྱད་པ་མེད་པར་སངས་རྒྱས་ཐོབ་པར་གྱུར་ཅིག ཅེས་པ་ལ་སོགས་པ་ནི་གནས་མ་ཡིན་པའི་བསྔོ་བ་ཡིན་ནོ། །འོ་ན་བསྔོས་པ་དོན་མེད་དོ་ཞེ་ན། ཐེག་པ་ཆེན་པོའི་བློ་སྦྱོང་གི་ལམ་ཐབས་ལ་མཁས་པའི་བསམ་སྦྱོར་ཁྱད་པར་ཅན་ཡིན་པས་རང་རྒྱུད་ཀྱི་ཤེས་བྱའི་སྒྲིབ་པ་དང། ཐེག་དམན་གྱི་ལམ་དུ་གོལ་བ་འཇོམས་པར་བྱེད་པའི་གཉེན་པོ་ཡིན་པའི་ཕྱིར་དོན་ཆེན་པོ་ཡོད་དོ་ཞེས་སོ། །པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་ནི། སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་རང་གཞན་གྱི་དགེ་རྩ་ཐམས་ཅད་སངས་རྒྱས་ཀྱི་སར་བསྔོས་ཤིང་། སེམས་ཅན་ཐམས་ཅད་འཚང་རྒྱ་བའི་སྨོན་ལམ་མཛད་པ་དེ་ནི་གནས་མིན་གྱི་བསྔོ་བ་ཡིན་པའི་ཕྱིར། འོ་ན་གནས་མིན་གྱི་བསྔོ་བ་ནི་འབྲས་བུ་མི་འབྱུང་བའི་བསྔོ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་ལྟར་སྨོན་པ་བཞིན་གྱི་འབྲས་བུ་མི་འགྲུབ་ཀྱང་། སེམས་ཅན་གྱི་དོན་དུ་སྙིང་སྟོབས་ཆེན་པོས་བསྔོས་པ་ཡིན་པས། རང་གི་ལམ་ཆོད་ཆེ་ཞིང་ཚོགས་མྱུར་དུ་རྫོགས་ཏེ་འབྲས་བུ་སངས་རྒྱས་ཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:གནས་མིན་གྱི་བསྔོ་བ་
|; |@@@ | | }}