81595
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་དགོངས་པ་འདུས་པའི་ལེའུ་སུམ་ཅུ་སོ་དྲུག་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་བརྒྱད་པ་བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ་བསྟན་པ་ལ། གདུལ་བྱ་སྨིན་པར་བྱ་བའི་ཕྱིར་མ་བཅོས་པའི་དམ་ཚིག་དངོས་དང༌། དེ་ལ་མ་རངས་པ་རྣམས་རང་གི་དམ་ཚིག་ཕུལ་ཅིག་པ་དང༌། དམ་ཚིག་ཕུལ་བའི་རིམ་པ་དང༌། དོན་གཞན་ལ་དགོངས་ཏེ་བསྲུང་བའི་ཡོན་ཏན་དང༌། སྒྲ་ཅི་བཞིན་པར་སྤྱད་པའི་སྐྱོན་དང༌། མཐུན་འཇུག་གི་སྒྲས་ལོག་པའི་དམ་ཚིག་མ་བཅོས་པའི་དམ་ཚིག་ཏུ་བསྟན་པའི་སྐོར་བཅས་གསལ། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། ། |
{{#arraymap:རྨོངས་པ་སེལ་བའི་སྤྱོད་མཐུན་བགྲོས་པའི་ལེའུ་
|; |@@@ | | }}