81596

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨོངས་པའི་གབ་ཚིག་ (1)
Part of speech མིང་ཚིག
Definition གབ་ཚིག་གི་རྒྱན་གྱི་ནང་གསེས་བཅུ་གཉིས་པ་སྟེ། བརྗོད་བྱའི་དོན་དེ་མངོན་སུམ་དུ་བསྟན་པ་ལྟར་བྱས་ནས་སླར་ཡང་རྗོད་བྱེད་ཀྱི་ཚིག་བརྗོད་ཚུལ་གྱི་དབང་གིས་དོན་དངོས་ལ་རྨོངས་པར་བྱས་པའམ་དངོས་དོན་མི་རྟོགས་པར་བྱས་པ་ལྟ་བུའི་ངག་ཚིག་ལ་ཟེར།
Example ཞྭ་དམར་བས། སྲིད་གསུམ་དུག་མཚོ་ཁོལ་འདྲས་ཡིད་རབ་བྱུང་། །འཁོར་བར་འཇུག་ལ་རྗེས་སུ་ཆགས་པས་དྲངས། ། གཞན་ཕན་ལྷག་བསམ་མི་འདོར་གཞན་སྡེའི་སྲོག། །ལེན་ལ་གཟན་པའི་དགྲ་ཐབས་མཁན་དེ་སུ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྨོངས་པའི་གབ་ཚིག་

|; |@@@ | | }}