81598

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨོངས་པའི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་གཅིག་པ་སྟེ། བརྗོད་བྱའི་དཔེ་ཅན་མཐོང་བས་དཔེ་རུ་འཁྲུལ། དཔེ་མཐོང་བས་དཔེ་ཅན་དུ་འཁྲུལ་ནས། དེ་གཉིས་པོ་ཕན་ཚུན་འདྲ་བའམ་མཚུངས་པ་ཤས་ཆེ་བས་དབྱེ་བ་འབྱེད་མ་ནུས་པར་འཁྲུལ་བ་སྐད་དུ་བརྗོད་པས་ན་རྨོངས་པའི་དཔེ་ཞེས་ཟེར།
Example བོད་མཁས་པས། ཁྱོད་ལུས་འབིགས་བྱེད་རླུང་གཞོན་གྱིས་བསྐྱོད་པའི། །འཁྲི་ཤིང་གཞོན་ནུར་རབ་འཁྲུལ་མཛེས་སྡུག་ཅན། ། གང་གི་གཟུགས་ལ་མངོན་ཆགས་སྐྱེད་ཚལ་གྱི། །གསར་འཁྲུངས་ལྗོན་པའི་མགུལ་ནས་འཁྱུད་རྩོམ་མོ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྨོངས་པའི་དཔེ་

|; |@@@ | | }}