From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་ (1)
| Part of speech
|
མིང་ཚིག
|
| Definition
|
སྲོག་ཆགས་ཀྱི་ལུས་ཕུང་གི་ཁྲག་རྒྱུ་སའི་ལམ་ཡིན་ཞིང་། དབྱིབས་སྦུ་གུ་མཉེན་མོ་ཞིག་དང་འདྲ། དེ་ལ་ཕྲ་སྦོམ་མང་པོ་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་པ་རྣམས་སྲོག་ཆགས་ཀྱི་ལུས་ཕུང་གི་སྤྱི་བོ་ནས་རྐང་མཐིལ་བར་ཁྱབ་སྟེ། ལུས་ཀྱི་ཆ་ཤས་སོ་སོར་ཟུངས་ཁྲག་འདྲེན་པར་བྱེད། དེ་ལ་བསྡུས་ན། འཕར་རྩ་དང་སྡོད་རྩ་གཉིས་ཡོད།
|
རྩ་ (2)
| Part of speech
|
མིང་ཚིག
|
| Definition
|
དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་གི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
|
རྩ་ (3)
| Part of speech
|
མིང་ཚིག
|
| Definition
|
དྲི་ཆེན་ནམ་ཕྱི་ས་སྟེ། སྐྱག་པ།
|
| Example
|
ནད་ཀྱི་དབང་གིས་རྩ་འགགས་ཞེས་པ་ལྟ་བུ།
|
| Domain
|
གསོ་རིག
|
རྩ་ (4)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་ལས་གསུངས་པའི་རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་རྩ་ནི་གཙོ་བོ་དང་འདབ་མའི་ཚུལ་གྱིས་སྤྱི་བོ་ནས་གསང་གནས་སོགས་སུ་འཁོར་ལོའི་རྣམ་པར་གནས་པའོ། །
|
| Domain
|
ཆོས་ལུགས།
|
རྩ་ (5)
| Part of speech
|
མིང་ཚིག
|
| Definition
|
གྲངས་དགུ་སྟེ། དབུ་མ། རྐྱང་མ། རོ་མ་། སྤྱི་བོ་བདེ་ཆེན་འཁོར་ལོ། དཔྲལ་བ་བདེ་བའི་འཁོར་ལོ། མགྲིན་པ་ལོངས་སྤྱོད་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་བའི་འཁོར་ལོ། གསང་གནས་བདེ་སྐྱོང་འཁོར་ལོ་བཅས་རྩ་དགུ་ཡོད་པས་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|
རྩ་ (6)
| Part of speech
|
མིང་ཚིག
|
| Definition
|
ཉེ་འགྲམ་མམ་ཉེ་མཁྲིས་ཀྱི་དོན།
|
| Example
|
བྲག་རྩ་ལ་བསྡད་ནས་ཇ་སྐོལ། སྡོང་རྩ་ལ་བསྡད་ནས་ངལ་གསོ་ཞེས་པ་ལྟ་བུ།
|
རྩ་ (1)
| Part of speech
|
ཚབ་ཚིག
|
| Definition
|
གཅིག་ནས་དགུའི་བར་གྱི་གྲངས་ཀའི་གོང་དུ་སྦྱར་ན་ཉི་ཤུ་མཚོན་པའི་ཚབ་ཚིག་ཅིག་སྟེ།
|
| Example
|
རྩ་གཅིག རྩ་གཉིས། རྩ་གསུམ། རྩ་བརྒྱད། རྩ་དགུ་ལྟ་བུ།
|