81679
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། འདོད་ཆགས་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པའོ། །ཁོང་ཁྲོ་བ་ནི་ཀུན་ནས་མནར་སེམས་ཀྱི་གཞིའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་ངོ་། །ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་སེམས་བྱུང་ངོ་། །མ་རིག་པ་ནི་ཁམས་གསུམ་པའི་མི་ཤེས་པའི་སེམས་བྱུང་ངོ་། །ཐེ་ཚོམ་ནི་བདེན་པ་རྣམས་ལ་ཡིད་གཉིས་ཟ་བའི་སེམས་བྱུང་ངོ་། །ལྟ་བ་ནི་ཤེས་རབ་ཀྱི་ཆར་གཏོགས་པ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྩ་ཉོན་དྲུག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མངོན་པ། རྩ་ཉོན་དྲུག་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ཉོན་མོངས་ཅན་གྱི་ལྟ་བ་རྣམས་སོ། །འདོད་ཆགས་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པའོ། །ཁོང་ཁྲོ་བ་ནི་ཀུན་ནས་མནར་སེམས་ཀྱི་གཞིའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་ངོ་། །ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་སེམས་བྱུང་ངོ་། །མ་རིག་པ་ནི་ཁམས་གསུམ་པའི་མི་ཤེས་པའི་སེམས་བྱུང་ངོ་། །ཐེ་ཚོམ་ནི་བདེན་པ་རྣམས་ལ་ཡིད་གཉིས་ཟ་བའི་སེམས་བྱུང་ངོ་། །ལྟ་བ་ནི་ཤེས་རབ་ཀྱི་ཆར་གཏོགས་པ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་དེ་དག་ལ་རྩ་ཉོན་ཞེས་བརྗོད་པའི་རྒྱུ་མཚན་ནི། ཉེ་ཉོན་རྣམས་དང་སྲིད་པའི་ཉེས་པ་ཀུན་གྱི་རྩ་བ་ཡིན་པས་ན་རྩ་ཉོན་ཞེས་བྱའོ། །དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རྩ་ཉོན་དྲུག་ཡོད་དེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ཉོན་མོངས་ཅན་གྱི་ལྟ་བ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས་སོ། ། |
{{#arraymap:རྩ་ཉོན་དྲུག་
|; |@@@ | | }}