8169

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ཞོལ་དགོན་ (1)
Part of speech མིང་ཚིག
Definition གནས་ཞོལ་ཆོས་གླིང་འདི་ནི་མདོ་སྨད་འབའ་ཡུལ་གྱི་བྱང་ཕྱོགས། གླིང་གཤིས་ཆོས་སྒར་ཞེས་འབའ་མཐིལ་ལས་སྤྱི་ལེ་བརྒྱད་ཅུ་གྱ་བདུན་ཙམ་སྤགས་པའི་ས་ཆར། སྔར་རིག་འཛིན་ཀློང་གསལ་སྙིང་པོ་དང་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་ཡུལ་འདིར་བྱོན་ནས། གནས་འགོར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཞེངས་པའི་ཤུལ་ཡང་ཡོད། ཨོ་རྒྱན་བདུད་འདུལ་གླིང་པའི་སྐབས་ནས་བཤད་སྒྲུབ་ཀྱི་སྲོལ་བཙུགས། གནས་ཞོལ་དགོན་གྱི་གྲྭ་པའི་རླུང་ར་ནང་བླ་གྲྭ་ལྔ་བཅུ་དང་ཇོ་མོའི་རླུང་ར་ནང་ཇོ་མོ་བརྒྱ་ཕྲག་གཉིས་ཡོད། གཞན་ཡང་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་བརྒལ་གྱི་ཁྲིད་རྣམས་དང་ཉམས་ལེན་སྒྲུབ་པ་ཟུང་དུ་སྦྱར་ནས་གྲུབ་པའི་རྟགས་ཐོན་པ་མཐའ་ཡས་པར་བྱུང་། སྒྲུབ་གྲྭ་བ་ལྔ་བཅུས་རྙིང་མའི་བཀའ་གཏེར་གསར་རྙིང་གི་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་བསྙེན་སྒྲུབ་ལ་བརྩོན་བཞིན་ཡོད། ཨོ་རྒྱན་བདུད་འདུལ་གླིང་པས་བཞེངས་པའི་འདུ་ཁང་ཆེན་པོ་དེ་ཉིད་ནི་ཕྱེ་བླ་བྲང་དང་ཕྱེད་ལྷ་ཁང་། ཐོག་ཁང་དུ་པར་ཁང་ཡིན་པར་གྲགས། ལྷ་ཁང་ནང་དུ་བཀའ་བརྒྱད་དཔལ་དགུ་གཙོའི་མང་དུ་མཆིས། བཀའ་བརྒྱད་དཔལ་དགུའི་སྒྲུབ་མཆོད་གཏོར་ཟློག་དང་། ཡང་དག་སྒྲུབ་ཆེན། ཚོགས་འབུམ་སོགས་ཟླ་མཆོད་མང་པོ་ཡོད་ཀྱང་དུས་འགྱུར་སྐབས་ཐམས་ཅད་མིང་ཙམ་བྱས། དེང་སྐབས་ཡང་སྤྲུལ་པདྨ་མཁས་མཆོག་གིས་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། ནང་རྟེན་གཙོ་བོ་ནི་ཐུབ་པ་ཇོ་ལུགས་མ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེ། སྤྱན་རས་གཟིགས་ཡིན། མགོན་ཁང་དུ་མགོན་པོ་ཚོགས་བདག་གི་སྐུ་ཐོག་བརྩེགས་གཅིག་ཙམ་དང་། འདྲ་སྐུ་ཁང་དུ་བདུད་འདུལ་གླིང་པའི་འདྲ་སྐུ་ལུས་ཚད་མ་བཅས་བཞེངས་ཡོད། ཆོས་བརྒྱུད་ཀཿཐོག་པ་ཡིན།

{{#arraymap:གནས་ཞོལ་དགོན་

|; |@@@ | | }}

གནས་ཞོལ་དགོན་ (2)
Part of speech མིང་ཚིག
Definition ལྕགས་སྨད་གནས་ཞོལ་དགོན་ནི། རབ་བྱུང་བཅོ་ལྔ་པའི་སྨད་ལ་རོང་ཐ་པདྨ་འཇིགས་མེད་ཆོས་དབང་གི་སློབ་མ་གསེར་ཁ་སྟོབས་ཁོས་བཏབ། སྔ་ཕྱི་ཀུན་ཏུ་རོང་ཐ་སྤྲུལ་སྐུ་རྣམ་པའི་ཐུགས་ཁུར་འོག་སྒྲུབ་པའི་སྡེ་བཙུགས། ཤར་གཏེར་རིང་ལུགས་ཀྱི་སྒྲུབ་འཕྲིན་ཕྱག་བཞེས་གནང་། ཆོས་བརྒྱུད་ཀཿཐོག་ཡིན།

{{#arraymap:གནས་ཞོལ་དགོན་

|; |@@@ | | }}