81695
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། རླུང་དབུ་མར་འབབ་པའི་དུས་ཡོད་དེ། མུན་ཅན་མ་ལས་སྟེང་དུ་མཉམ་རྒྱུ་འབབ་བའི་དུས་ནའོ། །འཕོ་བ་བཅུ་གཉིས་ནི་ཉིན་ཞག་གཅིག་སྟེ་དེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དབུགས་ཐམས་ཅད་ལ་རང་རང་གི་ཆ་ལ་སུམ་ཅུ་རྩ་གཉིས་སུ་བགོས་པའི་ཆ་གཅིག་ཙམ་ཞིག་དབུ་མ་ནས་འབབ་པ་མཉམ་པར་རྒྱུ་བའི་རླུང་ཡིན་ལ། དབུགས་རེ་རེའི་སོ་གཉིས་ཆ་རྣམས་བསྡོམས་པས། དཀྱིལ་འཁོར་རེེ་རེའི་མཚམས་ཀྱི་མཐར། བཅུ་གཅིག་རྐང་བཅས་རེ་རེར་ལོངས་པར་འགྱུར་བས། དུས་སྦྱོར་གཅིག་ལ་དབུ་མའི་མཉམ་རྒྱུ་བསྡོམས་པས་འཕོ་མཚམས་སུ་རྩིས་ན། ང་དྲུག་རྐང་བཅས་སུ་ལོངས་པའི་དོན་ནོ། །དབུ་མའི་རླུང་འདི་དྲུག་པ་ཡེ་ཤེས་ཁམས་ཀྱི་རླུང་ཡིན་ཞིང་། དཔེར་ན་སེང་ལྡེང་ལ་སེང་ལྡེང་གི་ཁུ་བས་ཁྱབ་ཅིང་། སེང་ལྡེང་གི་སྡོང་དུམ་དང་པོར་འཇལ་བྱེད་ཀྱིས་གཞལ་ནས་སླར་ཆུ་ནང་དུ་བསྐོལ་ཏེ་ཁུ་བ་མཐའ་དག་ཕྱུང་ནས། ཤིང་དེ་ཡང་སྐམ་ལ། ཁུ་བ་དེ་ཡང་ཁན་དར་བསྐམས་ནས། སོ་སོར་འཇལ་བྱེད་ལ་གཞལ་ན། སེང་ལྡེང་དེ་ཁན་དའི་བརྗིད་ཀྱི་ཚད་ཙམ་གྱིས་སྔོན་ལས་ཡང་བར་འགྱུར་རོ། །དེ་ཡང་ཤིང་གི་ཉི་ཤུ་ཆ་ཁན་དའི་བརྗིད་དུ་འགྱུར་བ་ཡིན་ན། སྔོན་ཉི་ཤུ་ཆའི་བཅུད་དེས་ཤིང་དེ་ཐམས་ཅད་ལ་ཁྱབ་པར་གནས་སོ། །དེས་ན་འདིར་དབུ་མའི་དབུགས་དེ་ཡང་། དབུགས་ཀྱི་ནང་ནས་ལོགས་སུ་སྟོན་པ་ཞིག་སྲིད་ན་སོ་གཉིས་ཆ་ཡོད་ཅེས་པ་ཡིན་གྱི། དུམ་བུར་ཆད་པ་ནི་མ་ཡིན་ཏེ། རོ་རྐྱང་གིས་དབང་བྱས་པའི་རླུང་གི་ལུས་ལ་དབུ་མས་དབང་བྱས་པའི་རླུང་གི་བཅུད་ཀྱིས་ཁྱབ་པ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:རྩ་དབུ་མའི་དབུགས་
|; |@@@ | | }}