81696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་དབུ་མའི་དབུགས་ཀྱི་ཐོབ་སྐལ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། གཙུག་ཏོར་སྟོང་བའི་ངོ་བོ་ཉིད་ཀྱིས་ན་མི་གསལ་བའི་ཚུལ་ཅན་ཡིན་མོད་ཀྱི། ཐུན་མཚམས་བཞིའི་རིམ་པས་འབབ་པ་དང་། དཔྲལ་བར་ཟླ་རྐང་བཅུ་བཞི་ལ། སྔ་རྐང་ཕྱི་རྐང་གི་མཐར་སྟོང་པ་རེ་རེ་སྟེ་བཅུ་དྲུག་གི་རིམ་པས་འབབ་པ་དང་། མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང་། དབྱུག་གུ་བཞི་སྟེ་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་བརྒྱད་ཅུའི་རིམ་པས་འབབ་པ་དང་། སྙིང་གར་གཟའ་བརྒྱད་ཀྱི་རིམ་པ་དང་། ལྟེ་བའི་རྩ་འདབ་བཅུ་གཉིས་ལ་དུས་སྦྱོར་བཅུ་གཉིས་ཀྱི་རིམ་པ་དང་། སོ་སོའི་དབུས་ནས་ནམ་མཁའ་དང་ཡེ་ཤེས་མདུན་ནས་རླུང་། གཡས་ནས་མེ། གཡོན་ནས་ཆུ། རྒྱབ་ནས་ས་སྟེ་དཀྱིལ་འཁོར་ལྔ་ལྔ་འབབ་པས་ཡོངས་སུ་གྲིལ་པ་ལ་དཀྱིལ་འཁོར་དྲུག་ཅུའི་རིམ་པས་འབབ་བོ། །དེའི་ཕྱིར་ལྟེ་བའི་ཕྱིར་སྐོར་རྩ་དྲུག་རྩ་བཞིའི་རླུང་རྣམས་ལས་དྲུག་ནི་དེ་དག་དང་བྱ་ལས་གཅིག་ལ། མཚམས་ཀྱིས་སྟོང་པའི་རྩ་བཞི་ལ་འབབ་པའི་རླུང་ནི། དེ་ཀུན་དང་འདྲེས་པ་ཡིན་ལ། དབུ་མའི་དབུགས་ཀྱི་ཐོབ་སྐལ་ཡིན་པར་ཤེས་པར་བྱའོ། །གསང་བའི་འཁོར་ལོར་ནི་དེ་ཐམས་ཅད་ཀྱི་ཆ་ཤས་བསྡོམས་ནས་འབབ་སྟེ། ནང་སྐོར་ནས་ཁམས་དྲུག་དང་། བར་སྐོར་ནང་རླུང་བཅུ་འམ་དཀྱིལ་འཁོར་བཅུ་དང་། ཕྱི་སྐོར་ནས་ཐིག་ལེ་འཕོ་བ་བཅུ་དྲུག་གམ་ཕྱི་དང་ནང་དུ་ཚེས་བཅུ་དྲུག་དང་དགའ་བ་བཅུ་དྲུག་གི་རིམ་པས་རླུང་རྣམས་འབབ་པར་བྱའོ། །
Domain ཆོས་ལུགས།

{{#arraymap:རྩ་དབུ་མའི་དབུགས་ཀྱི་ཐོབ་སྐལ་

|; |@@@ | | }}