From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
རྩི་ཤིང་གི་སྡོང་བུའམ་གཞུང་ཤིང་གི་ས་ངོས་ལ་ཉེ་བའམ་ཐུག་པའི་ཁག་སྟེ།
|
| Keyword
|
True
|
| Example
|
ཤིང་སྡོང་གི་རྩ་བ་སྦོམ་པོ། མེ་ཏོག་གི་རྩ་བར་ཆུ་བླུགས་ཞེས་པ་ལྟ་བུ།
|
| Antonyms
|
རྩེ་མོ།
|
རྩ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
བྱ་བ་དང་ལས་དོན་འབྱུང་སའི་རྒྱུ་རྐྱེན་གཙོ་བོ་སྟེ།
|
| Example
|
སྡུག་བསྔལ་གྱི་རྩ་བ་བསལ། བདེ་སྐྱིད་ཀྱི་རྩ་བ་ཚུགས་ཞེས་པ་ལྟ་བུ།
|
རྩ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
དངོས་པོ་དབྱིབས་ནར་མོ་ཅན་གྱི་རྩེ་མོའི་ལྡོག་ཟླ་སྟེ།
|
| Example
|
དཔུང་བའི་རྩ་བ། བརླ་ཡི་རྩ་བ། དར་ཤིང་གི་རྩ་བ་ཞེས་པ་ལྟ་བུ།
|
རྩ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
རིན་ཐང་གི་དོན་ལ་འཇུག་སྟེ།
|
| Example
|
དངོས་རྫས་རྩ་བ་ཅན་ལྟ་བུ།
|
རྩ་བ་ (5)
| Part of speech
|
མིང་ཚིག
|
| Definition
|
གཞུང་དོན་ཚིག་ཉུང་དོན་གནད་བསྡུས་འགྲེལ་བའི་དགྲོལ་གཞིག་སྟེ།
|
| Example
|
སུམ་ཅུ་བའི་རྩ་བ། རྟགས་འཇུག་གི་རྩ་བ་ཞེས་པ་ལྟ་བུ།
|