81712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་གསུམ་གྱི་སྲོག་འཁོར་ཟབ་མོ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། རྩ་བ་གསུམ་གྱི་སྲོག་འཁོར་ཟབ་མོ། ཞེས་བྱ་བ་སྟེ། གཏེར་གཞུང་དུ། བདག་འདྲ་མཁར་ཆེན་བཟའ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ བླ་རྡོ་སྲོག་འཁོར་ཟབ་མོ་འདི༔ སྤྲུལ་པའི་སྐྱེས་མཆོག་གུརུ་ལ༔ རིན་ཆེན་གསེར་གཡུའི་མཎྜལ་ཕུལ༔ ལུས་ཀྱིས་མཉེས་པའི་ཞབས་ཏོག་བགྱིས༔ ཡང་དང་ཡང་དུ་ནན་གྱིས་ཞུས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ མ་འོངས་ལས་ཅན་སྐྱེས་བུས་ཀྱང་༔ འདི་ནི་སྲོག་བས་གཅེས་སོ་སྦོས༔ ༔ཅེས་གསལ་ཅིང་། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ཕུག་ནས་གདན་དྲངས་ཏེ་ཤོག་སེར་ལས་བཤུས། འདིའི་ནང་དོན་ལ། བླ་མ་ཡི་དམ་མཁའ་འགྲོ་གསུམ་མམ་རྩ་གསུམ་གྱི་འཁོར་ལོ་ཇི་ལྟར་འབྲི་བའི་ཚུལ་དང་། འཁོར་ལོ་དེ་དག་ཀྱང་རྣམ་པ་ཡི་གེ་ལ། ངོ་བོ་རྩ་བ་གསུམ་གྱི་ཕོ་བྲང་ཡོངས་རྫོགས་ཡིད་བཞིན་གྱི་ནོར་བུར་བསྒོམ་པར་བསྟན་ནོ། །

{{#arraymap:རྩ་བ་གསུམ་གྱི་སྲོག་འཁོར་ཟབ་མོ་

|; |@@@ | | }}