81713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་ངག་དབང་དགེ་ལེགས་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་འཁྲུངས། ཆུང་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས། གླིང་བསྲེའི་མཚན་བཏགས་བཞེས། རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ཞེ་ལྔ་པ་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲིར་བཞུགས། འཆད་ཉན་ལ་དོ་དམ་དང་། ཆོས་རའི་བྱང་ངོས་སུ་གྱན་ཐང་སོགས་བཞེངས། གསུང་རྩོམ་ནི་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་བཞི་བཅུ་ཞེ་གསུམ་པ་ས་མོ་བྱ་ལོ་སྟེ་ཕྱི་ལོ་༡༧༨༩ ལོར་བརྩམས་པའི་བྱ་ཁྱུང་མཁན་རབས་དང་། རྟེན་གྱི་དཀར་ཆག་རྒྱས་པ་མཐོང་བ་དོན་ལྡན་སོགས་ཡོད། བྱ་ཁྱུང་དགོན་པའི་གདན་རབས་ཞེ་བཞི་པ་ཡིན།

{{#arraymap:རྩ་བ་ངག་དབང་དགེ་ལེགས་

|; |@@@ | | }}