81714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་ངག་དབང་ནོར་བུ་ (1)
Part of speech མིང་ཚིག
Definition རོང་བོའི་རྩ་བར་འཁྲུངས། འཁྲུངས་ལོ་མི་གསལ། གཞོན་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔའི་རྩ་བ་དང་གསེར་ཕྲེང་བཅས་ཐུགས་འཛིན་མཛད། ཉེར་ལྔ་པར་གླིང་བསྲེའི་དམ་བཅའ་དང་། ཉེར་བརྒྱད་པར་ལྷ་རམས་པའི་དམ་བཅའ་བཞག། སྨད་རྒྱུད་དུ་ཞུགས་ནས་སྔགས་ལ་མཁས་པར་སྦྱངས། རྒྱུད་ཀྱི་དམ་བཅའ་བཞག རང་དགོན་བྱ་ཁྱུང་དུ་ཕེབས་ནས་དགེ་རྒན་གྱི་ཁུར་བཞེས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྤྲེལ་ལོ་ཕྱི་ལོ་ ༡༧༡༦ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བཞུགས། དཀའ་ཆེན་བཞིའི་རྩོད་པ་ཚང་བར་བཙུགས། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་སྨོན་ལམ་གསར་འཛུགས་གནང་། སེར་བྱེས་ལྟར་གླིང་བསྲེའི་མིང་བཏགས་ཀྱི་སྲོལ་བཙུགས། མགོན་ཁང་དང་བྱམས་ཁང་རྟེན་དང་བཅས་ཞིག་གསོས་མཛད། འཇིགས་བྱེད་ལྷ་བཅུ་གསུམ་མའི་བློས་བསླང་གསར་བཞེངས་མཛད། ཁྲི་ཟུར་ནས་བདེ་ཡངས་སུ་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་དང་། གཟིམ་ཁང་གསར་བ་བརྩིགས། དེར་སྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་པས་མཚན་ལ་ཡང་བདེ་ཡངས་ཚང་དུ་གྲགས། བདུན་ཅུའི་ནང་དུ་ད་སྐུ་གཤེགས་པར་བཤད། འདས་ལོ་མི་གསལ། བྱ་ཁྱུང་དགོན་པའི་གདན་རབས་སོ་གཅིག་པ་ཡིན།

{{#arraymap:རྩ་བ་ངག་དབང་ནོར་བུ་

|; |@@@ | | }}