81727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་མཚན་ཉིད་དང་ལྡན་པའི་སྟེང་གི་ཐོག་རྩ་བ་འབྱུང་བའི་གནས་སྐབས་དང་བཅས་པར་མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུའི་སྟེང་དུ་འདུག་པའམ་ཉལ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། །གང་དུ་འདུག་པའི་གནས་དང་། གང་ལ་འདུག་པའི་དངོས་པོའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པའམ་ཉལ་བར་བྱེད་པ་སྟེ། སོ་སོ་ཐར་པའི་མདོ་དང་ལུང་རྣམ་འབྱེད་ལས། ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །མཐར་ཐུག་ནི་འདུག་པ་ཙམ་མམ་ཉལ་བ་ཙམ་ཉིད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་ཐོག་ཉིད་ནི་བྱེད་པ་པོའོ། །ཞེས་དང་། གནོད་པ་ལའོ། །ཤེས་གཙོའོ། །ཞེས་བསྟན། ངོ་བོ་ནི། དགེ་སློང་གཞན་ལ་གནོད་པའི་ཕྱིར་དུ་དགེ་སློང་གི་ལུས་ཀྱི་ལྕིད་ཀྱིས་ཁྲི་རྐང་གནོན་པར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་

|; |@@@ | | }}