81728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་འབྱུང་ལ་འདུག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ཁྲི་རྐང་གཙུགས་ཏེ་ཤུགས་ཆེན་པོས་མནན་པ་ན་ཐོག་ཁང་བརྟོལ་བ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། མཐོ་འཚམས་པའི་བསམ་པས་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཏུ་ཁྲིའི་རྐང་པ་གཙུག་ནས་གནན་ཏེ་འདུག་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། །མཉན་ཡོད་ནས་ཉེ་དགའ་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་གི་སྟེང་གི་ཐོག་ལ་ཁྲི་རྐང་གཙུགས་ཏེ། ཤུགས་དྲག་པོས་མནན་ཏེ་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་ཐོག་བརྟོལ་བ་ལས་ལྟུང་བྱེད་དུ་བཅས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྩ་བ་འབྱུང་ལ་འདུག་པའི་ལྟུང་བྱེད་

|; |@@@ | | }}