81732
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མགོན་པོ་ཀླུ་སྒྲུབ་ཀྱིས་བརྩམས་པའི་རྩ་བ་ཤེས་རབ་ཀྱི་བསྡུས་མིང༌། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། ཤེར་ཕྱིན་དངོས་བསྟན་གྱི་སྟོང་ཉིད་དེ། ཟབ་མོ་དབུ་མའི་ལྟ་བ་རྣམ་དཔྱོད་རིགས་ལམ་གྱིས་སྟོན་པའི་གཞུང༌། རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ། །རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་གྲོང་ཁྱེར་དཔེ་མེད་ཀྱི་དབུས་གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་འགྲེལ་པ་ཚིག་གསལ་དང་བསྟུན་ནས་བཅོས་པ་དང་། སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའོ། ། |
{{#arraymap:རྩ་བ་ཤེས་རབ་
|; |@@@ | | }}