81735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་སྦྱོར་བའི་ཡན་ལག་བསྟན་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་བཞི་བཅུ་ཞེ་བརྒྱད་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། དང་པོ་མཛོད་དུ་འཇུག་པར་བྱ་བའི་ངེས་པའི་གསང་སྒོར་རྩ་བའི་ཡན་ལག་སྟོན་པ་ཡབ་ཡུམ་གྱིས་མདུན་བསུས་ཏེ་གླེང་བསླང་བ་དང༌། འཁོར་གྱིས་གུས་པས་དྲིས་ཏེ་གླེང་སློང་ཚུལ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

{{#arraymap:རྩ་བ་སྦྱོར་བའི་ཡན་ལག་བསྟན་པའི་ལེའུ་

|; |@@@ | | }}