8175

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་འགོ་དགོན་ (1)
Part of speech མིང་ཚིག
Definition གནས་འགོ་དགོན་ནི། གཏེར་ལུང་ལས། ཀཿཐོག་ཕྱོགས་སུ་སྟོན་པའི་དཔུང་ལ་འཇུགཿ བཤད་སྒྲུབ་བསྟན་པ་གཞལ་དུ་མེད་པ་འབྱུངཿ ཞེས་ལུང་བསྟན་པ་ལྟར། གཏེར་སྟོན་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོ་མཆོག་གིས་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར་གཙུག་ལག་ཁང་བཞེངས་ཞིང་བསྟན་པ་རྒྱས་པར་མཛད། དེ་ནས་གནས་འགོ་བདེ་ཆེན་ཆོས་ཀྱི་རྒྱ་མཚོ་མཆོག་གིས་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ། འཛིན་སྐྱོང་སྤེལ་གསུམ། བཤད་སྒྲུབ་ལས་གསུམ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་ཡུན་དུ་གནས་པར་བྱས། དེ་རྗེས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། མཁན་ཆེན་ངག་གི་དབང་པོ་རྣམས་ཀྱིས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་སོགས་གནང་། ད་ལྟ་ཡང་སྤྲུལ་བློ་བཟང་རྒྱལ་མཚན་བར་གྱི་སྐུ་རབས་ལྔས་བསྐྱངས།

{{#arraymap:གནས་འགོ་དགོན་

|; |@@@ | | }}