81751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བའི་དམ་ཚིག་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྩ་བའི་དམ་ཚིག་ལྔ་ནི། ཕྱོགས་བཅུའི་མུན་སེལ་ལས། དེའང་ལྗོན་ཤིང་གི་རྩ་བ་ལྟར་བསྲུངས་ཤིང་བསྐྱེད་ན་ཡོན་ཏན་གྱི་འབྱུང་གནས་ཡིན་ཞིང་། མ་བསྲུངས་ན་མི་འབྱུང་བས་རྩ་བའི་དམ་ཚིག་ཅེས་བྱ་ལ། བླ་མེད་མི་སྤང་བ། བླ་མ་བསྐུར་བ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ། ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ། གསང་བའི་དོན་གཞན་དུ་མི་བསྒྲག་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྩ་བའི་དམ་ཚིག་ལྔ་

|; |@@@ | | }}