8176

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་འཆར་གཞུག་ནུས་ཀྱི་ལྔ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་ཡན་ལག་དང་གོ་དོན་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། རེ་ཞིག་གནས་འཆར་གཞུག་ནུས་ཀྱི་ལྔ་པ་ཡོད་དེ། བསྟན་ཚུལ་གྱི་དབང་དུ་བྱས་ན། བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་། སྨྲ་བ་པོ་ཉིད་དང་། རྗེས་སུ་སྟོན་པ་ཉིད་དང། གནས་དང་། རེ་ཞིག་གནས་འཆར་གཞུག་ནུས་པ་ཉིད་དང་ཡང་སྦྱར་རོ། །ཞེས་པའི་མདོས་བསྟན་ཅིང་དོན་ཡང་བར་དུ་གཅོད་པ་མངོན་པར་ཤེས་པ་དང་། བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་དང་། དེ་སྨྲ་བ་པོ་ཉིད་དང་། རྗེས་སུ་སྟོན་པ་ཉིད་དང་། རང་གི་སློབ་མ་གནས་ཀྱི་སློབ་དཔོན་གཞན་ལ་དུས་རྟག་ཏུ་གནས་འཆར་གཞུག་ནུས་པ་དང་པོ་དང་། སྔ་མ་བཞིའི་སྟེང་དུ་རང་གི་སློབ་མ་གནས་ཀྱི་སློབ་དཔོན་གཞན་ལ་རེ་ཞིག་གནས་འཆར་གཞུག་ནུས་པ་གཉིས་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གནས་འཆར་གཞུག་ནུས་ཀྱི་ལྔ་པ་

|; |@@@ | | }}