81776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བའི་རླུང་ལྔ་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། ལུས་ལ་རྒྱུ་བའི་འབྱུང་བ་ལྔའི་རང་བཞིན་ཅན་གྱི་རླུང་སྟེ། སྲོག་འཛིན། ཐུར་སེལ། གྱེན་རྒྱུ། མཉམ་གནས། ཁྱབ་བྱེད་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྩ་བའི་རླུང་ལྔ་

|; |@@@ | | }}

རྩ་བའི་རླུང་ལྔ་ (2)
Part of speech མིང་ཚིག
Definition ཨ་ཡིག་གི་རང་བཞིན་སྲོག་རླུང་མཁའ་ཁམས་པ་དང་། ཨེ་ཡིག་མཉམ་གནས་རླུང་ཁམས་པ་དང་། རྀ་ཡིག་གྱེན་རྒྱུ་མེ་ཁམས་པ་དང་། ཨུ་ཡིག་ཁྱབ་བྱེད་ཆུ་ཁམས་པ་དང་། ལྀ་ཡིག་ཐུར་སེལ་ས་ཁམས་པ་སྟེ། སྲོག་རླུང་ལྟེ་བ་ཡན་ཆད་ཀྱི་དབུ་མ་དང་། སྙིང་གའི་སྟེང་ངོས་ཀྱི་རྩ་ལ་གནས་ཏེ། སྲོག་འཛིན་པར་བྱེད་པ་དང་། ང་བདག་ཏུ་འཛིན་པ་དང་། རྣམ་རྟོག་སྣ་ཚོགས་སྐྱེད་པར་བྱེད། འདི་གཞན་ཏུ་ལོག་པ་སྟེ། འདི་ལ་སྐྱོན་ཞུགས་ན་དྲན་པ་ཉམ་པ་དང་། བརྒྱལ་བ་དང་། སྨྱོ་བ་དང་། འཆི་བའི་བར་དུ་འགྱུར་རོ། །ཐུར་སེལ་ནི་ལྟེ་བ་མན་ཆད་ཀྱི་དབུ་མ་དང་། སྙིང་གའི་འོག་གི་ངོས་ནས་བརྩམས་པའི་རྩ་རྣམས་སུ་གནས་ལ། བྱེད་ལས་བཤང་གཅི་ཁུ་བ་གསུམ་འཕེན་སྡོམས་བྱེད་ལ། ལོག་པ་ལས་གྲང་བ་དང་སྨད་ཀྱི་ནད་སྐྱེད་པར་བྱེད་དོ། །མཉམ་གནས་སྙིང་གའི་མདུན་ངོས་ཀྱི་རྩ་སྣར་མ་ལ་གནས། ལྟོ་བའི་མེ་དྲོད་དང་ལྷན་ཅིག་ཏུ་སྤྱོད་པས་ཕོ་བར་ཟས་ཀྱི་དྭངས་སྙིགས་འབྱེད། དྭངས་མ་ལུས་ལ་ཁྲེམས་པ་དང་། སྙིགས་མ་འོག་ཏུ་འདོར་བར་བྱེད། ལོག་པ་ལས་ཕོ་བའི་ནད་སྐྱེད་པར་འགྱུར། གྱེན་རྒྱུ་མེ་མཚམས་ཀྱི་རྩ་ལག་ལྡན་ལ་གནས་ཤིང་། ངག་སྨྲ་བརྗོད་དང་རོ་མྱོང་བ་དང་། བཟའ་བཏུང་མིད་པ་དང་སྐྱུག་པ་སོགས་འགུགས་འདྲེན་གྱི་བྱ་བ་རྣམས་བྱེད། ལོག་པ་ལས་ཚ་བ་དང་སྟོད་ཀྱི་ནད་སྐྱེད་དོ། །ཁྱབ་བྱེད་གཡས་ཀྱི་རྩ་སེར་སྐྱ་ལ་གནས། ལུས་ཐམས་ཅད་ལ་ཁྱབ། རོ་མའི་ནུས་པ་དང་འདྲེས་ཏེ། ཚིགས་རྣམས་ལ་གནས་ན་ཡན་ལག་བརྐྱང་བསྐུམས་ཀྱི་བྱ་བ་བྱེད་ཅིང་། ལོག་པ་ལས་ཞ་འཁུམས་སོགས་ཡན་ལག་གི་ནད་སྐྱེད་དོ། །

{{#arraymap:རྩ་བའི་རླུང་ལྔ་

|; |@@@ | | }}