81803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་མཁྲིས་མཆོག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཕྱི་པགས་སེར་སྐྱ་ཅུང་སྦོམ་པར་རྩྭ་ཕྲན་མང་བ་དང༌། སྡོང་པོ་ཕྲ་ལ་དམར་མདངས་ཡོད་པའི་སྟོད་ཆ་ནས་ཡལ་ག་མང་པོ་གྱེས་ཤིང་ཡལ་སྡོང་གཉིས་ཀར་ཚིགས་ཀྱི་རྣམ་པ་ལྡན་པ། ལོ་མ་སྔོ་ལྗང་སྲབ་ལ་འཇམ་ཞིང་སྣུམ་མདངས་ཡོད་པ་ལབ་ལོའི་དབྱིབས་འདྲ་བ། ངར་པ་རིང་བ་ཁ་སྤྲོད་དུ་སྐྱེ་བ་དང་རྩ་སྡོང་ཡལ་ག་བཅས་བཅད་ན་འོ་མ་འཛག་འོང་ཞིང༌། མེ་ཏོག་སེར་ལ་སྔོ་མདངས་ཅན་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། ཡལ་རྗེས་འབྲུ་གུ་ནག་ཅིང་ཞིབ་ལ་རྩེ་རིང་བ་མང་པོ་ཡོད་པ་རོ་ཤིན་ཏུ་ཁ་བ་སྟེ། ལྷ་སའི་ཉེ་འཁོར་གྱི་བྲག་རི་དཀར་པོའི་གསེབ་དང༌། དེ་བཞིན་དྭགས་པོ། སྣང་རྫོང་སོགས་སུ་བྲག་རིའི་གསེབ་ཏུ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་དུ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཤིན་ཏུ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁྲིས་ཚད་རྒྱས་ཏེ་མིག་སྤྲིན་དང་ཤ་པགས་སེར་པོ་ཆགས་པ་དང༌། དེ་མིན་མཁྲིས་ནད་ཀུན་ལ་ཕན་པ་ཡིན།

{{#arraymap:རྩ་མཁྲིས་མཆོག་

|; |@@@ | | }}