81888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་ལྟུང་གི་ཆར་གཏོགས་ཀྱི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དངོས་གཞིའི་ལྟུང་བ་དེའི་སྦྱོར་ལྟུང་ཡིན་པའམ་ཡང་ན་དགག་བྱ་དེ་དང་ཉེ་བའི་ལྟུང་བ་ཞིག དེ་མཚན་གཞི་དང་དོགས་གཅོད་བཅས་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། རྩ་ལྟུང་གཅིག་གི་ཆར་གཏོགས་ཀྱི་ལྟུང་བ་མཐའ་དག་ཕྱིར་བཅོས་གཅིག་གིས་འདག་གམ་ཞེ་ན། མི་འདག་སྟེ། དེའི་ཆ་ནི་དེར་གཏོགས་སོ་ཞེས་འབྱུང་བ་ལས་ན། མི་ཚངས་པར་སྤྱོད་པ་ལྟ་བུའི་ཆ་རེག་པ་དང། འཁྲིག་ཚིག་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་སོགས་ནི། མི་ཚངས་སྤྱོད་དེའི་ཆར་གཏོགས་པ་ཡིན་ཀྱང་། ལྟུང་བ་ཐ་དད་པས་ཕྱིར་བཅོས་ཐ་དད་དུ་བྱ་དགོས་པའི་ཕྱིར་ཏེ། དེ་རྣམས་མི་ཚངས་སྤྱོད་ཀྱི་ཕམ་པའི་སྡེར་གཏོགས་པ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་ཕམ་པ་དེའི་སྦྱོར་ལྟུང་ཡང་མ་ཡིན། དེ་རྣམས་ཀྱི་མཐར་ཐུག་རིམ་པ་བཞིན་ཕམ་པ་དེ་ལ་ཐིམ་པའང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེ་ཡིན་ན། བུད་མེད་དང་ལམ་དུ་རྒྱང་གྲགས་འདས་པར་ཕྱིན། དེ་རྗེས་ལྷན་ཅིག་འདུག ། དེ་རྗེས་རེག་པ་སོགས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་སྦྱོར་ལྟུང་ཡིན་དགོས་པ་ལས། དེ་མ་ཡིན་པའི་ཕྱིར་ཏེ། དེ་ཡིན་ན། དང་པོ་དེ་ཀའི་སྦྱོར་ལྟུང་ཞིག་འཚོལ་དགོས་པས་ཐུག་མེད་དུ་འགྱུར་བའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། དེ་ཐིམ་ན་ཕམ་པ་དང་པོ་ཡང་གཞན་ཞིག་ལ་ཐིམ་དགོས་པས་ཐུག་མེད་དུ་འགྱུར་བའི་ཕྱིར། གཞན་ཡང་། སྔར་བཤད་པ་དེ་རྣམས་ཕམ་པ་དང་པོའི་སྦྱོར་ལྟུང་མ་ཡིན་པར་ཐལ། ལྟུང་བ་རྣམ་བཞག་གཞན་གྱིས་ཀུན་ནས་མ་བསླངས་པའི་ཕྱིར་ཏེ། དེ་རྣམས་ཕམ་པ་དང་པོ་དང་ཀུན་སློང་རིགས་ཐ་དད་ཡིན་པའི་ཕྱིར། དེ་རྣམས་ནི་སྤྱིར་བཏང་ཡིན་ལ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྩ་ལྟུང་གི་ཆར་གཏོགས་ཀྱི་ལྟུང་བ་

|; |@@@ | | }}