81889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་ལྟུང་ཉི་ཤུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྔོས་པའི་ཆ་རྐྱེན་ཡོ་བྱད་སོགས་དཀོར་འཕྲོག་པ། ༢ ལུང་གི་ཆོས་སྡེ་སྣོད་གསུམ་དང་། རྟོགས་པའི་ཆོས་བསླབ་པ་གསུམ་སོགས་སྤོང་བ། ༣ ཚུལ་ཁྲིམས་དང་ལྡན་ནམ་མི་ལྡན་པ་གང་ཡང་བཙོན་དུ་འཇུག་པ་སོགས་ཆད་པས་གཅོད་པ། ༤ ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ་གང་རུང་བྱེད་པ། ༥ ལས་རྒྱུ་འབྲས་མེད་པར་ལྟ་བ་སོགས་ལོག་ལྟ་སྐྱེས་པའོ། །གཉིས་པ་བློན་པོར་ངེས་པའི་རྩ་ལྟུང་ལྔ་སྟེ། ༦ གྲོང་ཁྱེར་གཅིག་པ་ལ་སོགས་པ་ཞེ་སྡང་གིས་མེ་ལ་སོགས་པས་འཇོམས་པར་བྱེད་པ། ༧ ལྗོངས་མི་རིགས་བཞི་གནས་པའི་ས་ཕྱོགས་ཞེ་སྡང་གིས་མེ་ལ་སོགས་པས་འཇོམས་པར་བྱེད་པ། ༨ གྲོང་ཁྱེར་བཟོ་སྣ་བཅོ་བརྒྱད་ཡོད་པའི་གནས་ཞེ་སྡང་གིས་མེ་ལ་སོགས་པས་འཇོམས་པར་བྱེད་པ། ༩ གྲོང་བརྡལ་ཚོང་པ་མང་པོ་འདུ་བའི་གནས་ཞེ་སྡང་གིས་མེ་ལ་སོགས་པས་འཇོམས་པར་བྱེད་པ། ༡༠ ཡུལ་འཁོར་ནི་ཙམ་པ་ཀ་སོགས་ཡུལ་ཆེན་པོ་ལས་གང་ཡང་རུང་བ་ཞེ་སྡང་གིས་མེ་ལ་སོགས་པས་འཇོམས་པར་བྱེད་པའོ། །༡༡ བློ་མ་སྦྱང་བ་ལ་སྟོང་ཉིད་བསྟན་ཏེ་སྐྲག་ཏུ་བཅུག་པ། ༡༢ ཐེག་ཆེན་ལ་ཞུགས་པ་ཕྱིར་བཟློག་སྟེ་ཐེག་དམན་པ་སྦྱར་བ། ༡༣ སོ་སོ་ཐར་པ་སྟེ་ཐེག་པ་དམན་པ་སྤངས་ནས་ཐེག་ཆེན་ལ་སྦྱར་བ། ༡༤ ཐེག་དམན་གྱིས་ཉོན་མོངས་པ་མི་སྤོང་བར་རང་ཉིད་ཀྱིས་འཛིན་ཅིང་གཞན་འཛིན་དུ་འཇུག་པ། ༡༥ བྱང་སེམས་གཞན་ལ་ཕྲག་དོག་གི་དབང་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ། ༡༦ རྙེད་བཀུར་གྱི་མ་རྟོགས་བཞིན་བདག་གིས་ཆོས་ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲ་བ། ༡༧ རྒྱལ་རིགས་ལྟ་བུ་དབང་པོ་ཆེ་དང་། ཆོས་འདི་པའི་དགེ་སྦྱོང་ཕྲ་མས་ཕྱེ་ནས། དབང་པོ་ཆེའི་ཕྱོགས་ལ་བརྟེན་ཏེ་དགེ་སྦྱོང་ལ་ནོར་གྱི་ཆད་པས་གཅོད་དུ་འཇུག་པ། ༡༨ དེའི་རྐྱེན་གྱིས་དགེ་སྦྱོང་གིས་དཀོན་མཆོག་གི་དཀོར་བརྐུས་ནས་ཕྲ་མ་བྱེད་པ་ལ་ཕག་སུག་ཏུ་ཕུལ་བ་དེ་དག་ཕྲ་མ་བྱེད་པ་རང་གིས་ལེན་ནམ། དབང་པོ་ཆེ་ལ་བྱིན་པས་ནོར་བདག་གིས་བྱས་པའོ། །༡༩ སྨོན་པ་བཏང་བ། ༢༠ འཇུག་པ་སེམས་བསྐྱེད་སྤངས་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྩ་ལྟུང་ཉི་ཤུ་

|; |@@@ | | }}