81893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་ཤུལ་དགོན་ (1)
Part of speech མིང་ཚིག
Definition དགེ་རྩེ་མ་ཧཱ་པཎྜི་ཏས་་རབ་བྱུང་བཅུ་གསུམ་པའི་མཇུག་ལ་བཏབ། དུས་འགྱུར་སྐབས་སུ་གཏོར་བརླག་ཚབ་ཆེན་ཤོར། མཁན་པོ་ཀུན་བཟང་བསྟན་འཕེལ་གྱིས་གཞི་གསུམ་ཉམས་ལེན་གྱི་རྨང་བཏང་། བཤད་གྲྭ་རྒྱུན་བཞུགས་གྲྭ་པ་བཅོ་ལྔ། སྒྲུབ་གྲྭ་རྒྱུན་བཞུགས་གྲྭ་པ་བཅུ་བཅས་ཡོད། དགོན་པ་འདི་ལ་དུད་གྲངས་བརྒྱ་དང་བདུན་ཅུ་ལྷག་ཡོད། དེང་གི་གནས་ཚུལ། མཆོག་སྤྲུལ་སྐལ་བཟང་སྟོབས་རྒྱལ། འབྲི་གུང་གཏེར་སྲས་དཀོན་མཆོག་བསྟན་གནས། མཁན་ཀུན་བཟང་གཙོའི་ཐུགས་ཁུར་བཞེས་ནས་གཙུག་ལག་ཁང་སོགས་སླར་གསོ་རྟེན་དང་བརྟེན་པ་བཅས་བཞེངས། བཤད་སྒྲུབ་ལས་གསུམ་ལས་བཤད་གྲྭའི་མཁན་པོ་མཁན་ཆེན་ཤེས་རབ་བཟང་པོས་གཙོས། སྤྲུལ་ཡ་མ་ཚེ་རིང་། སྤྲུལ་པདྨ་བཛྲ། སྤྲུལ་ཚེ་དབང་རྒྱལ་མཚན། མཁན་བརྡ་ཚེ་རྣམས་ཀྱི་ཐུགས་ཁུར་ཆེས་བཞེས་ནས། ད་ལྟ་བཤད་གྲྭ་པ་བརྒྱ་ལྷག་ཡོད། སྒྲུབ་གྲྭ་སྔར་གྱི་མཁན་སྤྲུལ་དེ་རྣམས་དང་གཙོ་བོ་བརྡ་ཚེ་ཁོང་གིས་ད་ལྟ་ཆོས་ཁྲིད་གནང་བཞིན་ཡོད།།

{{#arraymap:རྩ་ཤུལ་དགོན་

|; |@@@ | | }}