8191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་རྒན་མ་ (1)
Part of speech མིང་ཚིག
Definition མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྐྱོ་བྲག་སེང་གེ་རྫོང་ཞེས་འབོད་པ་དཔལ་འཁོར་ལོ་བདེ་མཆོག་གི་གནས་རི། ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་ པདྨ་འབྱུང་གནས་ཀྱིས་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་ཤིང་སྒྲུབ་གནས་སུ་བྱིན་གྱིས་བརླབས། གཞན་ཡང་ཆོས་རྗེ་བསོད་ནམས་བཟང་པོ་གཙོས་འབའ་རོམ་འཕུར་ཤེས་བཅུ་གསུམ་སོགས་མཁས་བཙུན་གྲུབ་པའི་ཁྱུ་ཚོགས་སྤྲིན་བཞིན་འདུ་བའི་སྤོ། རི་སྟོད་ན་བྲག་དང་སྒྲུབ་ཕུག རི་སྨད་ན་སྤང་ལྗོངས་ཤུག་པས་བརྒྱན་པ། རི་ཞོལ་ན་ལྷོ་ཟླ་རྒྱུན་འབབ་སོགས་ཧ་ཅང་བལྟ་ན་སྡུག་ པའི་གྲགས་ཅན་གྱི་གནས་རི་ཞིག་སྟེ། རྒྱུན་པར་རྒྱལ་ཕྱི་ནང་གི་དད་ལྡན་མང་པོས་ཕྱག་བསྐོར་ལ་འབད་སྲོལ་ཡོད།

{{#arraymap:གནས་རྒན་མ་

|; |@@@ | | }}