81926

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩངས་དེ་བེནྡྲ་རཀྵི་ཏ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྟོད་དུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་གྲགས་ཅན་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བའི་མདོ་ཤོ་ལོ་ཀ་བརྒྱ་ལྔ་བཅུ་བ་དང་། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་བ། དགའ་བོ་རབ་ཏུ་བྱུང་བ་ཞེས་བྱ་བའི་མདོ་ཤོ་ལོ་ཀ་ལྔ་བཅུ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་གི་གཟུངས། བསྟན་འགྱུར་ལས་རྣམ་པར་བཤད་པའི་རིགས་པའི་མདོ་སྡེ་དུམ་བུ་བརྒྱ། ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་བ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་བ། དམ་པའི་ཆོས་དྲན་པ་ཉེར་བར་བཞག་པའི་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་བཅས་བཞུགས།

{{#arraymap:རྩངས་དེ་བེནྡྲ་རཀྵི་ཏ་

|; |@@@ | | }}