81964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩའི་གཙོ་བོ་གསུམ་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། རྩའི་གཙོ་བོ་གསུམ་ནི། རོ་མ་དང་། བརྐྱངས་མ་དང་། ཀུན་འདར་མ་གསུམ་སྟེ། ཕྱོགས་བཅུའི་མུན་སེལ་ལས། རྡོ་རྗེའི་ལུས་ལ་རྩའི་གཙོ་བོ་གསུམ་སྟེ། གཡས་རོ་མ་དཀར་བ། གཡོན་བརྐྱངས་མ་དམར་བ། དབུས་ཀུན་འདར་མ་མཐིང་ག་སྟེ། སྲོག་ཤིང་གསུམ་པོ་དེས་སྒོ་གསུམ་དང་དུག་གསུམ་གྱི་རྟེན་བྱེད་པ། ཐབས་ཤེས་ཟུང་འཇུག་གིས་སྦྱངས་པས་སྐུ་གསུམ་གྱི་རྟེན་བྱེད་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྩའི་གཙོ་བོ་གསུམ་

|; |@@@ | | }}