81983

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩལ་པོ་ཆེའི་བློན་ཆེན་བདུན་ (1)
Part of speech མིང་ཚིག
Definition ཆོས་ལྡན་བོད་ཀྱི་རྒྱལ་རབས་འདུས་སྲོང་མང་རྗེའི་སྐུ་རིང་དུ་བྱུང་བའི་རྩལ་པོ་ཆེ་བློན་ཆེན་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག རྔོག་ལོ་ཁམས་ཀྱིས་གཡག་བྲུས་པོ་ཆེ་ཐེག གནོན་རྒྱལ་མཚན་གྱིས་མདའ་སྟོང་ཁ་མས་བྱ་ཁྲ་རྐེད་པ་བཅད། སྤས་རྒོད་གདོང་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་རེས་སླེབས། མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་སྐོར། ཅོག་རོ་འབྲོང་གཤོར་གྱིས་འབྲུང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་པ་བཅས་སོ། །
Domain ལོ་རྒྱུས།

{{#arraymap:རྩལ་པོ་ཆེའི་བློན་ཆེན་བདུན་

|; |@@@ | | }}