8201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ལ་བློ་མཐུན་བྱེད་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། གསོ་སྦྱོང་བྱེད་པ་པོའི་དགེ་སློང་རྣམས་གནས་གསར་པ་དེ་ལ་གསོ་སྦྱོང་བྱ་འདོད་པའི་བློ་མཐུན་པར་བྱེད་པ་ཞེས་པའི་དོན་དང་། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། གནས་ལ་བློ་མཐུན་བྱེད་ཚུལ་དེ་ཇི་ལྟར་ཡིན་ཞེ་ན། བཤད་དུ་ཡོད་དེ། དགོས་པའི་དབང་དུ་བྱས་ན་དགེ་འདུན་རྣམས་ཐུགས་མཐུན་པ་དང་། དེའི་རྐྱེན་གྱིས་ལས་བྱེད་པའི་ཚེ་ཅ་ཅོའི་སྒྲ་མི་འབྱུང་བ་སོགས་ཀྱི་ཆེད་དུ་ཡིན་པའི་ཕྱིར། བསྡུས་དོན་གྱི་དབང་དུ་བྱས་ན། གནས་གང་ལ་བློ་མཐུན་བྱ་བ། རྟེན་གྱི་གང་ཟག་གང་གིས་བྱ་བ་དང་། ཆོ་ག་ཇི་ལྟ་བུས་བྱ་བ་དང་། འཇིག་པའི་རྒྱུ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གནས་གང་དུ་བྱ་བ་ཡོད་དེ། གནས་གསུམ་གང་རུང་གི་ངོ་བོར་གྲུབ་པ། ཉེ་འཁོར་འདོམ་གང་དང་བཅས་པ། དགེ་འདུན་བཞེད་པ་ཡིན་པ། སྔར་བློ་མཐུན་མ་བྱས་པ་རྣམས་དགོས་པའི་ཕྱིར། གནས་གསུམ་ཡོད་དེ། གྲུབ་པ་བྱས་པ་ཟིན་པ་གསུམ་ཡིན་པའི་ཕྱིར། རྟེན་གྱི་གང་ཟག་གང་གིས་བྱ་བ་ཡོད་དེ། མཚན་ཉིད་བཞི་ལྡན་གྱིས་དགེ་འདུན་གྱིས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། གསོལ་གཉིས་ཀྱི་ལས་ཀྱིས་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། གནས་དེར་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང་། རྟེན་ཞིང་མ་ཡིན་པར་གྱུར་པ་དང་། གནས་ཞིང་མ་ཡིན་པར་གྱུར་པ་རྣམས་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།