From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནས་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་གནས་ལྔ་སྤྱི་བོ། མགྲིན་པ། སྙིང་ག།ལྟེ་བ། གསང་གནས་བཅས་སོ། །
|
གནས་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
རིག་པའི་གནས་ཆེན་ལྔ་ལ་ཡང་འཇུག་སྟེ། བཟོ་སྒྲ་ཕྱི་ནང་གསོ་རིག་གནས་ཆེན་ལྔ། ཞེས་པ་ལྟར། དེ་ལྔ་ནི་བཟོ་རིག་པ། སྒྲ་རིག་པ། ཕྱི་རིག་པ། ནང་དོན་རིག་པ། གསོ་བ་རིག་པ་དང་ལྔའོ། །
|
གནས་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཡེ་གཤེན་རྒྱུད། བོན། སྤྱི་གཙུག ལྕེ་སྟེང་། ཐུགས་ཀ ལྟེ་བ། གསང་བ་དང་ལྔའོ། །དེ་ལ་གནས་ལྔ་ཞེས་སྨོས་པ་ནི། ལྷ་ལྔ་སྐུ་ལྔའི་ས་བོན་ཡིག་འབྲུ་སྟེ། ཨ་ཨཱོྃ་ཧཱུྃ་རཾ་ཛ་ལྔའི་བསྐྱེད་གནས་ཡིན་པའི་དོན་ནོ། །
|
| Domain
|
ཆོས་ལུགས།
|
གནས་ལྔ་ (4)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག མདོ་དགོངས་པ་འདུས་པར་འདུ་ཤེས་གནས་འགྱུར་བའི་གནས་ལྔ་སྟེ། འདོད་པ་གྲུབ་པ་མཐར་ཕྱིན་པའི་གནས། བཟོད་པ་གྲུབ་པ་འཕགས་པའི་གནས། བདེན་པ་གྲུབ་པ་ཡང་དག་པའི་གནས། ལས་སུ་རུང་བ་སྦྱོར་བའི་གནས། ལྷུན་གྱིས་གྲུབ་པ་མཉམ་པའི་གནས་དང་ལྔའོ། །
|