8209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ལུགས་ངོ་བོ་ཉིད་ཀྱི་དོན་བྱེད་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དེེ་བཞིན་གཤེགས་པས་འགྲོ་བའི་དོན་མཛད་ཚུལ་ལ། རྟེན་ཅན་གྱི་དོན་བྱེད་པ་དང་། རྟེན་མེད་ཀྱི་དོན་བསྒྲུབ་པ་དང་། གནས་ལུགས་ངོ་བོ་ཉིད་ཀྱི་དོན་བྱེད་པ་བཅས་བཞེད་ལུགས་མི་འདྲ་བ་གསུམ་དུ་བྱུང་བའི་ཡ་གྱལ་ལས་གསུམ་པ་རྒྱ་གར་གྱི་མཁས་པ་ཆེན་པོ་ཤྲཱི་སིཾ་ཧ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་སོགས་ཀྱི་བཞེད་པར་གསུངས་ཏེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་དང་། ཁྱད་པར་དུ་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་པ་གཉིས་ཀའི་ཚུལ་ནི་གསུམ་དུ་བྱུང་སྟེ། རྟེན་ཅན་གྱི་དོན་བྱེད་པར་འདོད་པ་བྲམ་ཟེ་མཆོད་སྡོང་སྒྲུབ་པ་ལྟ་བུ། རྟེན་མེད་ཀྱི་དོན་བསྒྲུབ་པར་འདོད་པ་དྲང་སྲོང་དམོད་པ་སྒྲུབ་པ་ལྟ་བུ། གནས་ལུགས་ངོ་བོ་ཉིད་ཀྱི་དོན་བྱེད་པར་འདོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དང་གསུམ་ལས། ལུགས་གསུམ་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་ན། འགྲོ་བ་རང་གི་བསོད་ནམས་དང་འཚམས་པའི་དགོས་འདོད་འབྱུང་མོད་ཀྱང་། རིན་པོ་ཆེ་ལ་རྩོལ་རྟོག་དང་ཉེ་རིང་མེད་པ་བཞིན་དུ། རང་གི་སེམས་ཀྱི་ཆོས་ཉིད་ཆོས་དབྱིངས་ཤིན་ཏུ་དྲི་མེད་ཀྱི་ཆོས་སྐུ་དེ་གློ་བུར་གྱི་དྲི་མས་བསྒྲིབས་པ་ལམ་ལྔ་ས་བཅུ་མཐར་ཕྱིན་པས་དག་ནས། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པ་རྒྱུ་མཐུན་ཟབ་པའི་ཆོས་སྐུའི་ཡོན་ཏན་གྱི་ཆ་ལས་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་ཀྱིས། གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་སྣང་ནས་དོན་མཛད་པར་འདོད་པ་ནི། རྒྱ་གར་དུ་མཁས་པ་ཆེན་པོ་ཤྲཱི་སིཾ་ཧ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་ལ་སོགས་པའི་བཞེད་པ་ཡིན་ནོ། །ཞེས་གསུངས། རྟེན་མེད་ཀྱི་དོན་བསྒྲུབ་པ་ལའང་གཟིགས།
Domain ཆོས་ལུགས།