82135

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩིས་འགོ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition བོན། ཡུལ་དུ་མཛད་པ། དཔོན་གསས་གང་གིས་མཛད་པ། དོན་ཆེན་ཅིའི་ཕྱིར་མཛད་པ། མཛད་མ་མཛད་ཀྱི་སྐྱོན་ཡོན། རྒྱུད་གང་ལས་བཏུས་པ། ལས་ཀྱི་གོ་རིམ་བསྟན་པ་དང་དྲུག་སྟེ། གཡུང་རྒྱས་ཀློང་རྒྱས་ཀྱི་འགྲེལ་བ་ལེགས་བཤད་གསལ་བའི་སྒྲོན་མ་ནམ་མཁའི་ནོར་བུ་ལས། འདི་ཉིད་ལ་ལུང་གི་ཆ་ཚང་བས་རྩིས་འགོ་བཤད་ན་དྲུག་སྟེ། ཡུལ་གང་དུ་དང་། དཔོན་གསས་གང་གིས་དང་། དོན་ཆེན་ཅིའི་ཕྱིར་དོན་དུ་དང་། མཛད་མ་མཛད་ཀྱི་སྐྱོན་ཡོན་དང་། རྒྱུད་གང་ལས་བཏུས་པ་དང་། ལས་ཀྱི་གོ་རིམ་བསྟན་པའོ། །ཞེས་སོ། །
Domain ཆོས་ལུགས།