82163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩུབ་རྡེལ་བདུན་ (1)
Part of speech མིང་ཚིག
Definition ལོ་རེའི་ལེགས་ཉེས་སྤང་བླང་སྟོན་པའི་ཀེག་རྩིས་ཀྱི་རྡེལ་གྱི་ཡ་གྱལ་བརྩི་བྱར་རྩུབ་པ་བདུན་ཏེ། གནམ་ལོར་གང་ཤར་ལ་བརྟེན་པའི་རང་ཀེག་རྩུབ་པ་དང་། བདུན་ཟུར་རྩུབ་པ། ཁྱིམ་མཚེས་རྩུབ་པ། མཐུན་གསུམ་རྩུབ་པ། བབས་སྤར་གར་ཕྱིན་ལ་བརྟེན་པའི་བཟའ་ཤུག་རྩུབ་པ་དང་། གསང་ཀེག་རྐུན་བུས་རྩུབ་པ། སྤར་སྨེ་ལོ་སོགས་གང་ཡིན་ལ་བརྟེན་པའི་སྲི་ངན་རྩུབ་པ་བཅས་ཡིན། བརྩི་བྱ་སུ་ཞིག་རྩིས་བྱེད་པའི་གནམ་ལོ་དེར་དེ་བདུན་ལས་གང་ལ་ཁེལ་ཡང་རྩུབ་པས་རྡེལ་ནག་རེ་དང་། མ་ཁེལ་ན་མི་རྩུབ་པས་རྡེལ་དཀར་རེ་འཇོག་དགོས།
Domain རྩིས་རིག