82172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་གཉེར་ཚང་ལས་ཁུངས་ (1)
Part of speech མིང་ཚིག
Definition རྩེ་ཕོ་བྲང་དཀར་པོའི་ནང་དུ་ཡོད་པའི་ལས་ཁུངས་ཤིག་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་བཟུང་འབྲུ་རྩམ། ཤ་མར། ཇ་འབྲས། ཚྭ་བུལ། སྣུམ་སོགས་སྐབས་དེའི་གཏོང་སྒོའི་ལས་ཁུངས་ཆེ་བ་ཞིག་ཡིན། ཕྱིས་སུ་ལས་ཁུངས་དེར་དོ་དམ་རྩེ་དྲུང་གནས་ལྔ་བའི་ལས་ཚན་པ་གཉིས་དང་། དྲུང་ཏོག་ཡོད་པའི་དྲུང་ཡིག་གཅིག གཉེར་ནང་ཞེས་ནང་ཟན་མི་ཉི་ཤུ་བཅས་ཡོད་ཅིང་། དེ་དག་གི་ལས་འགན་ནི་རྫོང་གཞིས་ཁག་ནས་ཡོང་འབབ་བསྡུ་ལེན་གྱིས་མཛད་སྒོའི་དམིགས་སྒོར་རྩེ་འགག་ཏུ་རྩམ་པ་གཏོང་བ་དང་། རྩེ་དྲུང་ཁག་ལ་རྒྱུན་ཕོགས་དངུལ་དངོས་སྤྲོད་རྒྱུ། པོ་ཏ་ལའི་ལྷ་ཁང་ཁག་ལ་དགོས་མཁོ་སྤྲོད་པ་སོགས་ཀྱི་ལས་འགན་སྒྲུབ་ཀྱི་ཡོད།