8219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ཤིང་སྤྱད་པར་མི་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བསྟན་པ་ལ་རབ་ཏུ་བྱུང་བ་དག་ལ་ལ་ནི་ལྷག་པའི་ཉམས་ལ་མོས་པ་མ་ཉམས་པའང་ཡོད། ལ་ལ་ནི་མོས་པ་ཉམས་ལ་ལྷག་པའི་སྤྱོད་པ་མ་ཉམས་པའང་ཡོད། ལ་ལ་ནི་ལྷག་པའི་སྤྱོད་པ་དང་། མོས་པ་གཉིས་ཀ་ཉམས་པའང་ཡོད། ལ་ལ་ནི་ཚུལ་ཁྲིམས་ཉམས་ལ་ལྟ་བ་མ་ཉམས་པའང་ཡོད། ལ་ལ་ནི་ལྟ་བ་ཉམས་ལ་ཚུལ་ཁྲིམས་མ་ཉམས་པའང་ཡོད། ལ་ལ་ནི་ཚུལ་ཁྲིམས་དང་། ལྟ་བ་གཉིས་ཀ་ཉམས་པའང་ཡོད། ལ་ལ་ནི་ལྷག་པའི་སྤྱོད་པ་དང་། མོས་པ་དང་། ཚུལ་ཁྲིམས་དང་། ལྟ་བ་མ་ཉམས་ཀྱང་སྡིག་པའི་གྲོགས་པོའི་དབང་དུ་གྱུར་ཏེ་གནས་ཤིང་སྤྱད་པར་མི་བྱ་བ་དག་བྱེད་པའང་ཡོད། ལ་ལ་ནི་དགེ་བའི་བཤེས་གཉེན་ལ་སྟེན་པའི་དབང་དུ་གྱུར་ཀྱང་གླེན་པའི་རང་བཞིན་ལུག་བཞིན་དུ་ལྐུགས་པ་ལས་ཀྱང་དངོས་པོའི་བྱེ་བྲག་ཀྱང་མི་ཕྱེད་པ། དགེ་བའི་བཤེས་གཉེན་གྱིས་དགེ་བ་དང་། མི་དགེ་བའི་ཆོས་བསྟན་པ་ཐོས་ཀྱང་མི་གོ་མི་འཛིན་མི་ཤེས་པ། དེའི་རྒྱུ་དེའི་རྐྱེན་གྱིས་གནས་ཤིང་སྤྱད་པར་མི་བྱ་བ་དག་བྱེད་དེ། ནོར་དང་། རིན་པོ་ཆེ་དང་། འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མི་སྐྱོ་བར་ཀུན་ཏུ་ཚོལ་བའི་རྒྱུས་སེམས་འཁྲུགས་པས་གནས་ཤིང་སྤྱད་པར་མི་བྱ་བ་དག་བྱེད་པའི་འདུས་བྱས་ཀྱི་ནད་མང་པོས་གཟིར་ཅིང་གདུངས་པའི་འཇིག་རྟེན་པའི་ལྷ་རྗེད་པ་དང་། སྔགས་ལ་སོགས་པ་བྱེད་པ་དེའི་རྐྱེན་གྱི་གནས་པ་དང་སྤྱད་པར་མི་བྱ་བ་དག་བྱེད་དོ། །
Domain ཆོས་ལུགས།