82199
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩེ་པོ་ཏ་ལའམ་ཕོ་བྲང་པོ་ཏ་ལ་སྟེ། ཕོ་བྲང་དེ་ནི། དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་ཐོགས་སོ་གསུམ་པ་སྲོང་བཙན་སྒམ་པོས་གསར་དུ་བཞེངས་ཤིང་། ཁང་མིག་ཆིག་སྟོང་ཡོད་པ་དང་། དེའི་ཕྱིས་སོག་དམག་གིས་གཏོར་སྐྱོན་ཚབས་ཆེན་བཏང་། ཕྱི་ལོ་ ༡༦༤༥ ལོར་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་སྡེ་སྲིད་བསོད་ནམས་རབ་བརྟན་ཕོ་བྲང་ཨར་ལས་སྤྱི་དཔོན་དུ་བསྐོས་ནས་ཕོ་བྲང་དཀར་པོ་རྒྱ་བསྐྱེད་དེ་གསར་བཞེངས་གནངས། དེའི་རྗེས་རྒྱལ་དབང་མཆོག་སྐུ་གཤེགས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་དང་། གསེར་སྡོང་འཛམ་གླིང་རྒྱན་གཅིག་སོགས་གསར་བཞེངས་གནང་། ཕོ་བྲང་དེར་ཐོག་རྩེག་བཅུ་གསུམ་དང་། མཐོ་ཚད་སྨི་ ༡༡༠ ཡོད་པ་དང་། རྒྱ་ཁྱོན་ལ་སྨི་ ༡༣༠༠༠༠ ལྷག་ཙམ་ཡོད། བཟོ་སྐྲུན་དངོས་པོ་ཡོངས་རྫོགས་རྡོ་དང་ཤིང་ལས་གྲུབ་ཅིང་། དེའི་ཕྱི་ནང་གི་འཛུགས་སྐྲུན་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་པ་སྟེ། གཅིག་ནས་ས་གཡོ་བ་དང་དྲག་ཆར། རླུང་འཚུབ་སོགས་གང་གིས་ཀྱང་གནོད་དཀའ་བ་སྲ་ཞིང་བརྟན་པ་དང་། གཉིས་ནས་མཐོ་ཞིང་བརྗིད་ཉམས་ཆེ་ལ་ཡིད་དུ་འོང་བ། གསུམ་ནས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་དང་ལྡན་པ་བཅས་ཡིན་ནོ། །རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སྐབས་སོགས་དང་། རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱིས་བོད་ཁམས་སྤྱི་ལ་དབང་སྒྱུར་སྲིད་སྐྱོང་གི་མཛད་པ་བསྐྱངས་གནས་ཤིག་ཡིན། |