82204
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། དགའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། མགུ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། མཆོག་ཏུ་དགའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། མངོན་པར་ཞུགས་པའི་རྣམ་པས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། སེངྒེའི་སྒྲས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཚུལ་གྱིས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་བསྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། བྱམས་པས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྙིང་རྗེས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། དགའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འདུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། བཏང་སྙོམས་ཀྱིས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པའི་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |