82208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་བརྒྱས་ཉེས་བཤད་རི་བོ་བགྲོད་བཅོམ་ (1)
Part of speech མིང་ཚིག
Definition རྩེ་བརྒྱ་ནི་ལྷ་དབང་བརྒྱ་བྱིན་གྱི་ལག་ཆ་དྲང་སྲོང་ཞོ་འཐུང་གི་རུས་པ་ལས་གྲུབ་པའི་རྡོ་རྗེ་རྩེ་བརྒྱ་བ་དང་། ཉེས་བཤད་རི་བོའི་གཟུགས་སུ་བཀོད་པ་ཡིན། དེ་ཡང་སྔོན་རི་བོ་རྣམས་འགྲོ་འདུག་བྱེད་པས་སྐྱེ་བོ་མང་པོ་ལ་གནོད་པ་ན་བརྒྱ་བྱིན་གྱིས་རྡོ་རྗེ་བསྣུན་ནས་རིའི་རྐང་པ་བཅག་པས་འགྲོ་མི་ཤེས་ལ། མི་ན་ཞེས་པའི་རི་རྒྱ་མཚོར་བྲོས་ནས་ཡོད་ཅེས་གྲགས་པས་ན། བརྒྱ་བྱིན་གྱི་མཚོན་ཆ་རྡོ་རྗེའི་མིང་ལ་རི་འཇོམས་ཞེས་ཀྱང་བྱའོ། །