82213

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་མོ་ (1)
Part of speech མིང་ཚིག
Definition དངོས་པོ་ནར་མོ་རིགས་ཀྱི་སྣེ་ཕྲ་ཤོས་ཀྱི་ཕྱོགས།
Example རྩྭ་ཡི་རྩེ་མོ། ལྗོན་པའི་རྩེ་མོ། ཁབ་ཀྱི་རྩེ་མོ། མདུང་གི་རྩེ་མོ་ཞེས་པ་ལྟ་བུ།
Antonyms རྩ་བ།
རྩེ་མོ་ (2)
Part of speech མིང་ཚིག
Definition གཞན་ལས་ཁྱད་དུ་འཕགས་པའམ་མཆོག་ཏུ་གྱུར་པ།
Example ཨ་རི་ནི་ཚན་རིག་ལག་རྩལ་གྱི་རྩེ་མོར་སོན་པའི་རྒྱལ་ཁབ་ཅིག་རེད་ལྟ་བུ།
རྩེ་མོ་ (3)
Part of speech མིང་ཚིག
Definition སྦྱོར་ལམ་ངེས་འབྱེད་ཆ་བཞིའི་ནང་གསེས་ཤིག་སྟེ། གཟུང་བ་རང་བཞིན་མེད་པར་རྟོགས་པའི་སྣང་བ་དེ་ཉིད་གོང་དུ་མཆེད་པའམ་འཕེལ་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་མི་མཐུན་པའི་ཕྱོགས་ཀྱིས་དགེ་རྩ་གཡོ་བ་རྣམས་ཀྱི་རབ་དང་མཆོག་ཏུ་གྱུར་པས་རྩེ་མོ། དགེ་བའི་རྩ་བ་སྔ་མ་མི་བརྟན་པ་གཡོ་བའི་རྩེ་མོར་ཕྱིན་པས་ན་རྩེ་མོ་ཞེས་བྱའོ། །
Domain ཆོས་ལུགས།
རྩེ་མོ་ (4)
Part of speech མིང་ཚིག
Definition གྲངས་ཀ་གསུམ་མཚོན་ཏེ། སྔར་གྱི་མཚོན་ཆ་ཏྲི་ཤུ་ཟེར་བ་ཕལ་ཆེ་བ་ལ་རྩེ་མོ་གསུམ་ཡོད་པས་ནའོ། །
Type མངོན་བརྗོད།